首页>>知识>>神奇

藏野驴百科大全,藏野驴基本情况及特征

2023-01-17 16:06:30 72

藏野驴བོད་ལྗོངས་ཀྱི་རྐྱང་།   (རིག་གཞུང་ཐ་སྙད། Equus kiang) :译音“江”,藏野驴是马科、马属动物。是所有野生驴中体型最大的一种,平均肩高为140厘米。它们外形似骡,体形和蹄子都较家驴大许多,显得特别矫健雄伟,因此在当地人们常常把它们叫做“野马”。国家一级保护动物རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས།,西藏自治区一级保护动物བོད་རང་སྐྱོང་ལྗོངས་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས།。

2_九雷图片转换器.jpg

基本情况及特征

གཞི་རྩའི་གནས་ཚུལ་དང་ཁྱད་ཆོས།


藏野驴是马科、马属动物。是所有野生驴中体型最大的一种,平均肩高为140厘米。它们外形似骡,体形和蹄子都较家驴大许多,显得特别矫健雄伟,因此在当地人们常常把它们叫做“野马”。


西藏野驴体长可达2米多,头部较短,耳较长。身上的毛发以红棕色为主,胸腹部、四肢的毛色为污白色,在躯干侧身处的毛发颜色分界线很明显,脖颈处有短而直的深色鬣鬃。


བོད་ལྗོངས་ཀྱི་རྐྱང་ནི་རྟའི་ཚན་ཁག་དང་རྟའི་རིགས་སུ་གཏོགས་པའི་སྲོག་ཆགས་ཤིག་ཡིན་ཞིང་།  དེ་ནི་རི་སྐྱེས་བོང་བུའི་ཁྲོད་ནས་གཟུགས་བོང་ཆེ་ཤོས་ཤིག་ཡིན།  ཆ་སྙོམས་དཔུང་པའི་མཐོ་ཚད་ལ་ལི་རྨིད་140ཡོད། ཁོ་ཚོའི་ཕྱིའི་གཟུགས་དབྱིབས་ནི་དྲེལ་དང་འདྲ་ཞིང་།  གཟུགས་དབྱིབས་དང་རྨིག་པ་ཁྱིམ་གྱི་བོང་བུ་ལས་ཆེ་བ་ཡོད་པས། ཧ་ཅང་སྟོབས་དང་ལྡན་པ་མངོན་གྱི་ཡོད།  དེས་རྐྱེན་ས་གནས་དེ་གའི་མི་ཚོས་རྒྱུན་དུ་ཁོ་ཚོར་“རྟ་རྒོད་”ཅེས་འབོད་ཀྱི་ཡོད།


བོད་ལྗོངས་ཀྱི་རྐྱང་གི་གཟུགས་པོའི་རིང་ཚད་ལ་རྨིད་2ལྷག་ཡོད་པ་དང་།  མགོ་བོ་ཅུང་ཐུང་ཞིང་རྣ་ལྕོག་ཅུང་རིང་བ་ཡོད། གཟུགས་པོའི་ཐོག་གི་སྤུ་མདོག་རྫ་མདོག་གཙོ་བོ་དང་།  བྲང་ཁོག་དང་རྐང་ལག་ཀྱི་སྤུ་མདོག་ནི་སྐྱ་བོ་ཡིན། སྒལ་གཞུང་དང་ལྟོ་བའི་མཚམས་ཀྱི་སྤུ་མཚམས་མངོན་གསལ་དོད་པོ་ཡོད། མཇིང་པའི་མཚམས་སུ་སྤུ་ཁ་ཐུང་ལ་འདྲོང་ཞིང་ཅུང་ནག་པའི་རྔོག་ཟེ་ཡོད། 


在所有野生驴里面,藏野驴是体型最大的一种,成年之后平均肩高能达到一米四,头体长在一米八以上,体重可达250-400千克,是我国非常珍贵的大型食草动物,也是我国野驴里面体型最大的一种,外形与蒙古野驴相似,但要比蒙古野驴大许多,而且性格也比蒙古野驴凶悍。与多数家驴相比,藏野驴显得特别健壮,倒是跟骡子很像,体型、四肢、蹄子都要比家驴粗壮许多,因此藏野驴显得特别矫健雄伟。但是它们奔跑起来不大像驴,跟野马差不多,因此许多地方,就将藏野驴称为“野马”。


རི་སྐྱེས་བོང་བུ་ཡོད་ཚད་ཁྲོད་ནས་བོད་ལྗོངས་ཀྱི་རྐྱང་ནི་གཟུགས་བོང་ཆེ་ཤོས་ཀྱི་རིགས་ཤིག་ཡིན་ཞིང་།  ན་སོ་ལོན་རྗེས་ཆ་སྙོམས་དཔུང་པའི་མཐོ་ཚད་རྨིད་1.4ཟིན་ཞིང་།  གཟུགས་པོའི་རིང་ཚད་རྨིད་1.8ཡན་ཟིན་པ་དང་།  གཟུགས་པོའི་ལྗི་ཚད་ལ་སྟོང་ཁེ་250ནས་400བར་ཟིན་གྱི་ཡོད།  དེ་ནི་རང་རྒྱལ་གྱི་ཧ་ཅང་རྩ་ཆེ་བའི་རྩྭ་གཟན་སྲོག་ཆགས་ཆེ་གྲས་ཤིག་ཡིན་ལ།  རང་རྒྱལ་གྱི་རྐྱང་གི་ཁྲོད་ནས་གཟུགས་བོང་ཆེ་ཤོས་ཀྱི་རིགས་ཤིག་ཀྱང་ཡིན།  ཕྱི་གཟུགས་ནི་སོག་པོའི་རྐྱང་དང་ཆ་འདྲ་ཡང་གཟུགས་པོ་དེ་ལས་ཆེ་བ་ཡོད་པ་མ་ཟད།  རང་གཤིས་ཀྱང་དེ་ཚོ་ལས་གཏུམ་རྒོད་ཆེ་བ་ཡོད།  ཁྱིམ་གྱི་བོང་བུ་ཕལ་ཆེ་བ་དང་བསྡུར་ན་བོད་ཀྱི་རྐྱང་ནི་ཤ་ཤེད་ཧ་ཅང་བཟང་བ་ཡོད་པས། དྲེལ་དང་འདྲ་པོ་ཡོད། གཟུགས་དབྱིབས་དང་རྐང་ལག་བཞི་པོ།  རྨིག་པ་བཅས་ཚང་མ་ཁྱིམ་ཚང་གི་བོང་བུ་ལས་ཆེ་ལ་སྦོམ་པ་ཡོད།  རྒྱུག་པའི་ཚེ་ན་བོང་བུ་འདྲ་པོ་མེད་པར་རྟ་རྒོད་དང་འདྲ་པོ་ཡོད།

1_九雷图片转换器.jpg

栖息环境

འཚོ་སྡོད་ཁོར་ཡུག


藏野驴所栖息的环境一般为海拔2700-5400米的地区,冬季在相对较低的海拔生活,而到了夏季,它们则更喜欢往海拔5000米的高山上跑。我县主要分布于克玛、盆吉、加措等地。


བོད་ལྗོངས་ཀྱི་རྐྱང་ནི་སྤྱིར་བཏང་མཚོ་ཚད་2700ནས་5400བར་གྱི་ས་ཁུལ་དུ་འཚོ་སྡོད་བྱེད་ཅིང་།  དགུན་དུས་མཚོ་ཚད་དམའ་སར་འཚོ་བ་དང་། དབྱར་དུས་མཚོ་ཚད་5000ཙམ་གྱི་རི་བོའི་ཁྲོད་འཚོ་སྡོད་བྱེད་ཀྱི་ཡོད། རང་རྫོང་དུ་གཙོ་བོ་གད་དམར་དང་ཕན་སྤྱི།  རྒྱ་མཚོ་སོགས་ཀྱི་ས་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད།


相 关 法 条

འབྲེལ་ཡོད་ཁྲིམས་སྲོལ།


根据《刑法》第341条第1款之规定:非法猎捕、杀害国家重点保护的珍贵、濒危野生动物,或者非法收购、运输、出售国家重点保护的珍贵、濒危野生动物及其制品的,应当依照刑法第三百四十一条第一款的规定,以危害珍贵、濒危野生动物罪处五年以下有期徒刑或者拘役,并处罚金;情节严重的,处五年以上十年以下有期徒刑,并处罚金;情节特别严重的,处十年以上有期徒刑,并处罚金或者没收财产。


  《ཉེས་ཁྲིམས》ཨང་341གི་དོན་ཚན་དང་པོའི་ནང་གཏན་འབེབས་བྱས་པ་གཞིར་བཟུང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་པའི་རྩ་ཆེན་དང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་གྱིས་རྔོན་འཛིན་དང་གནོད་འཚེ་གཏོང་བའམ།  ཡང་ན་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་པའི་རྩ་ཆེན་དང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེ་ལས་བཟོས་པའི་དངོས་རྫས་རིགས་ཁྲིམས་འགལ་གྱིས་ཉོ་སྒྲུབ་དང་སྐྱེལ་འདྲེན།  ཕྱིར་འཚོང་བཅས་བྱས་ཚེ།  ཉེས་ཁྲིམས་ཨང་341གི་དོན་ཚན་དང་པོའི་ནང་གཏན་འབེབས་བྱས་པ་གཞིར་བཟུང་། རྩ་ཆེན་དང་སྟོངས་ཉེའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་ཉེས་པར་དུས་བཀག་བཙོན་འཇུག་ལོ་ལྔ་མན་ཆད་ཀྱི་ཉེས་ཆད་སྤྱོད་རྒྱུའམ་བཀག་ཉར་བྱེད་རྒྱུ་དང་དུས་མཚུངས་དངུལ་ཆད་གཏོང་རྒྱུ།  བབ་རྐྱེན་ཆེ་བའི་རིགས་ལ་ལོ་ལྔ་ཡན་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་བྱེད་རྒྱུ་དང་དུས་མཚུངས་དངུལ་ཆད་གཏོང་རྒྱུ། བབ་རྐྱེན་ཧ་ཅང་ཆེ་བའི་རིགས་ལ་ལོ་བཅུ་ཡན་གྱི་དུས་བཀག་བཙོན་འཇུག་བྱེད་རྒྱུ་དང་དུས་མཚུངས་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུ།

动物标签: 一级保护动物 藏野驴 西藏 马科 马属 野驴 野马